༄༅། །དམགས་ཟོར་མ་ཕྱག་བཞི་པ་རྣམ་སྲས་གསུམ་གྱི་གཏོར་འབུལ། ། ། ། ། །ན་མོ་གུ་རུ་བྷྱེ། དུས་རྒྱན་དུ་དམགས་ཟོར་མ། ཕྱག་བཞི་བ། རྣམ་ཐོས་སྲས་རྣམས་ལ་མཆོད་གཏོར་འབུལ་བར་འདོད་པས། མཆོག་གཏོར་རྣམས་སྔགས་དྲུག་ཕྱག་རྒྱ་ དྲུག་དང་འབྲུ་གསུམ་ལན་གསུམ་གྱིས་བྱིན་གྱིས་རླབས་ལ། བདེ་ཆེན་ངང་ལས་རང་ཉིད་ཡི་དམ་ལྷར། །གསལ་བའི་ཐུགས་ཁའི་ཧཱུཾ་གི་འོད་ཟེར་གྱིས། །རང་བཞིན་གནས་ནས་དམག་ཟོར་ རྒྱལ་མོ་དང། བྱ་རོག་མཚན་ཅན་རྒྱལ་ཆེན་རྣམ་ཐྶོ་སྲས། །འཁོར་བཅས་ཐོགས་པ་མེད་པར་སྤྱན་དྲངས་ཏེ། །མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་གྱུར། ཞེས་སྤྱན་དྲངས་ [236B] །རབ་མཛེས་མེ་ཏོག་དྲི་ཞིམ་བདུག་པའི་སྤོས། །ཀུན་གསླ་སྒྲོན་མེ་ལུས་སེམས་ཏིམ་བྱེད་དྲི། །རོ་མཆོག་ཞལ་ཟས་སྒྲ་སྙན་འདོད་ཡོན་ལྔ། རྒྱལ་ སྲིད་སྣ་བདུན་བཀྲ་ཤིས་རྟག་རྫས་སོགས། །དངོས་བཤམས་ཡིད་སྤྲལ་ནམ་མཁའ་གང་བས་མཆོད། ། ཅེས་མཆོད་པ་དབུལ། རོ་བརྒྱའི་བཅུད་ལྡན་བཟའ་བཅའ་སྣ་ཚོགས་དང། །ཤ་ཁྲག་ གཏོར་མ་རི་རབ་ལྟ་བུར་སྤུངས། །འོ་ཞོ་སྤྲང་རྩི་རྒྱ་ཇ་འབྲུ་བཅུད་ཀྱི། །བཏུད་བའི་བདུད་རྩི་རྒྱ་མཚོར་བསྐྱིལ་ཏེ་འབུལ། ནམ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སྨྦྷ་ར་ཧཱུཾ། ལམ་གསུམ་མམ་ བདུན་གྱིས་གཏོར་མ་འབུལ། ཨོཾ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་སཱ་ཧཱའི། བར་གྱིས་མཆོད། སྦྲིན་གྱི་ཤུགས་འཆང་སེར་སྟེང། རབ་ཁྲོས་སྲིན་མོའི་གཟུགས་ཅན་བེ་ཅོན་དང། །ཐོད་ཁྲག་ བསྣམས་པས་བསྟན་དགྲ་ཚར་གཅོད་པ། །གདོད་ཅན་གཉིས་སོགས་འཁོར་དང་བཅས་ལ་བསྟོང། །དབུགས་བྲལ་བྲལ་བསྣོལ་བའི་སྟེང་དུ་མི་སྡུག་པའི། །གཟུགས་ཅན་བེ་ཙའི་འབྲས་བུ་ ཁྲག་གང་ཐོད། །རལ་གྲི་རྩེ་གསུམ་འཛིན་པས་སྒྲ་བགེགས་འཇོམས། །བྱ་རོག་གདོང་སོགས་འཁོར་དང་བཅས་ལ་བསྟེད། །རབ་འབར་གདོང་ལྡའི་སྟེང་དུ་གནོད་སྦྱིན་གྱི། །གཟུགས་འཆང་ རྒྱལ་མཚན་ནེའུ་ལེ་བསྣམས་པ་ཡིས། །སྒྲབ་པ་པོ་ལ་སྔོས་གྲུབ་ཆར་འབེབས་པ། །རྟ་བདག་བརྒྱད་སོགས་འཁོར་དང་བཅས་ལ་བསྟེད། ཅེས་པས་བསྟོད་པ་བྱ། བསྟན་བསྲུང་མཐུ་སྟོབས་ བདག་པོ་ཁེད་རྣམས་ཀྱིས། །བསྟན་ལ་གནོད་པའི་དགྲ་བགེགས་ཚར་གཅོད་ཅིང། །བསྟན་འཛིན་འཕྲིན་ལས་སྐུ་ཚེ་སྤེལ་པ་ཡིས། །བསྟན་པ་ཕྱོགས་མཐར་དར་ཞིང་རྒྱས་བར་མཛོད་ [237A]༄༅། །བདག་ཅག་རྣམས་ཀྱི་ཉེར་འཚེ་ཐམས་ཅད་ཞི། །ཚེ་དཔལ་སྟོབས་འབྱོར་དགེ་ལེགས་ཕུན་ཚོགས་རྒྱས། །སྣོད་བཅུད་ཡོན་ཏན་མ་ལུས་དབང་དུ་བསྡུས། །གནོད་བྱེད་དགྲ་ བགེགས་དྲག་པོས་ཚར་ཚོང་ལ། །ཆོས་ལྡན་བསམ་དོན་ཡིད་བཞིན་འགྲུབ་པ་དང། །མཐོ་རིས་དཔལ་ལ་སྤྱོད་པའི་རྟེན་བརྒྱུད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་བསགས་ ཏེ༑ ༑མྱུར་དུ་ཀུན་མཁྱེན་འཐོབ་པའི་འཕྲིན་ལས་མཛོད། །ཅེས་འཕྲིན་ལས་བཅོལ། བྲིས་སྐུ་སོགས་རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང། །ནད་ མེད་ཚེ་དང་དབང་ཕྱུག་དང། །མཆོག་རྣམས་ལེགས་པར་བརྩལ་དུ་གསོལ། །ཞེས་བརྟན་བཞུགས་བྱ། རྟེན་མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་ བསྩལ༑ ༑སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ་ ཞེས་གཤེགས་གསོལ་བྱ། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། ཞེས་སོགས་ཤིས་པས་ བརྒྱན་པར་བྱའོ། །ཅེས་པ་འདི་ནི་དམག་ཟོར་རྒྱལ་མོ། །མགོན་པོ་ཕྱག་བཞི་པ། རྒྱལ་ཆེན་རྣམ་སྲས་གསུམ་ལ་མཆོད་གཏོར་འབུལ་ཚུལ་འཁྱེར་བདེ་བ་ཞིག་གྱིས་ཞེས། ཅིང་གིར་གནམ་གྱི་རིགས་ལས་སུ་ཇུ་མི་ཆི་སེ་ཆེན་ཆིང་དབང་ཚེ་བརྟན་དོན་འགྲུབ་ཀྱི་ཡུམ་ ཆེན་རིགས་རུས་ཕུན་སུམ་ཚོགས་ཤིང་རྣམ་དཀར་གྱིས་བསམ་སྦྱོར་མ་གཏབ་ཟང་མོ་དང་མཚུངས་པའི་དཔོན་མོ་ངག་དབང་བསོད་ནམས་ཀྱིས་བསྐུལ་བའི་དོར་སྙོམས་ལས་ངག་དབང་བློ་བཟང་ཆོས་ལྡན་གྱིས་འཇམ་དབྱངས་གོ་མའི་རྒྱལ་ཁབ་ཀྱི་བོད་ཆོས་ལྷ་ཁང་ དུ་གྲགས་པར་སྦྱར་བའི་ཡི་གེ་བ་ནི་རབ་འབྱམས་སྨྲ་བ་བློ་བཟང་ཉི་མའོ།། །། །།